Categories
སྐར་རྩིས།

ལོ་འཚོལ་ས།

སྤྱི་ལོ་དང་རབ་བྱུང་། བོད་རྒྱལ་ལོ། བགྲང་བྱ་སོགས་ཕན་ཚུན་འཚོལ་བ།

ལོ་སྒྱུར་བརྩི་བྱེད་འདིས་འཚོལ་བྱེད་ཀྱི་ལོ་གང་ཡིན་པ་དེ་རེའུ་མིག་དཀར་པོའི་ནང་དུ་གཏགས་ན་འཚོལ་བྱའི་ལོ་དེ་འཆར་ཡོང་། ཡང་འཚོལ་བྱེད་ལོ་དེའི་བརྩི་ལུགས་མགོ་མ་བཙུགས་ཡང་སྔོན་གྱི་ལོ་གང་རུང་ཡིན་ན། རེའུ་མིག་དཀར་པོའི་ནང་དུ་འཐེན་རྟགས་འདི་ – དང་། དེའི་རྗེས་སུ་ཨང་གྲངས་གང་རུང་གཏགས་ན་འཚོལ་བྱའི་ལོ་གཞན་རྣམས་འཆར་ཡོང་བ་ཡིན། གལ་ཏེ་འཚོལ་བྱའི་ལོའི་མདུན་དུ་རྟགས་ – འདི་ཤར་ཚེ་བརྩི་ལུགས་དེ་མ་བྱུང་ཡར་སྔོན་གྱི་རྟགས་ཡིན།


གཤམ་གྱི་རེའུ་མིག་བེད་སྤྱད་ནས་ལོ་ཕན་ཚུལ་འཚོལ་རོགས།


བརྩི་ལུགས་མ་བྱུང་ཡར་སྔོན་གྱི་ལོ་འཚོལ་སྟངས།

འཐེན་རྟགས་བཀོལ་བའི་དཔེ།

སངས་རྒྱས་སྐུ་བལྟམས་པའི་ལོ་དེ་སྤྱི་ལོའི་སྔོན་གྱི་ལོ་ 624 བ་འཚོལ་བྱེད་ཡིན་ན། རེའུ་མིག་དཀར་པོའི་ནང་དུ་འཐེན་རྟགས་འདི་ – དང་། དེའི་རྗེས་སུ་ཨང་གྲངས་ 624 གཏག་སྟེ་ -624 འདི་ལྟར་གཏགས་དགོས།

དཔེར་ན།


འཚོལ་བྱའི་མདུན་དུ་འཐེན་རྟགས་ – ཤར་བ།

གལ་ཏེ་འཚོལ་བྱའི་ལོའི་མདུན་དུ་རྟགས་ – འདི་ཤར་ཚེ་བརྩི་ལུགས་དེ་མ་བྱུང་ཡར་སྔོན་གྱི་ལོ་ཡིན།

དཔེར་ན། འཚོལ་བྱེད་སྤྱི་ལོ་ 965 བ་དེ་ལ་འཚོལ་བྱ་རབ་བྱུང་ -1  དང་བགྲང་བྱ་59  པ་འདི་འདྲ་ཞིག་འཆར་ན། འདི་ནི་རབ་བྱུང་གི་བརྩི་ལུགས་མ་བྱུང་སྔོན་གྱི་རབ་བྱུང་གཅིག་ལོ་གྲངས་དང་། བགྲང་བྱ་59 ཁེལ་ཡོད། རབ་བྱུང་གཅིག་ནི་ལོ་60དང་། དེའི་སྟེང་ལ་བགྲང་བྱ་༥༩ པ་དང་༦༠ པ་གཉིས་བསྣན་ན་བསྡོམས་པའི་62 སོང་ཡོད། འདི་ནི་སྤྱི་ 965 བ་དེ་རབ་བྱུང་མ་རྩིས་རང་སྔོན་གྱི་ལོ་62 པ་ཡིན་པར་ཤེས་དགོས།